Cosmos ལྟེ་ལག་༣ རིམ་སྤོར།


Cosmos ལྟེ་ལག་༣ རིམས་སྤོར་ལེགས་གྲུབ་ཟིན།

cta

Cosmos ལྟེ་ལག་ ༢ ནས་ ༣ པར་མི་འགྱངས་པར་རིམ་སྤོར་བྱེད་ཀྱི་རེད། རིམ་སྤོར་འདིས་ཆོག་མཆན་ཐོན་ཟིན་པའི་འཛིན་སྐྱོང་བྱེད་འཆར་ཡོང་རྫོགས་ལག་བསྟར་བྱ་ངེས། དཔེར་ན།

དངོས་ཞུགས་ཚད་འཛིན་རྟོག་ཞིབ་ཀྱི་མང་མཐའི་གྲངས་༡༢༥རུ་འཕར།

ཆོག་མཆན་མ་ཐོབ་པའི་་གྲོས་འཆར་གྱི་འཅོལ་འཇོག་དེ་འགག་ཆར་མ་སོང་ཚེ་མ་དངུལ་ཕྱིར་སློག་བྱེད་ཀྱི་མེད།

འཛིན་སྐྱོང་བརྒྱུད་དེ་སྤྱི་དངུལ་སྤྱོད་འཐུད།

གློག་རྡུལ་སྤྲོད་ལེན་སྐྱར་གསོའི་ནུས་པར་རོགས་འདེགས་མཚམས་འཇོག་མེད་པར་བྱོས།

འཛིན་སྐྱོང་གི་གྲོས་འཆར་ཆ་ཚང་ཤེས་རྟོགས་ཡོང་ཆེད་IPFSཡི་ཐོག་གི་ཡིག་ཆ་བསྐྱར་ཞིབ་བྱོས།

ཡང་ཡང་བཏོན་པའི་་དྲི་བ་ཁག

ང་ཚོའི་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཤས་ཀྱིས་བཏོན་པའི་དྲི་བ་ཁག་ཅིག་གི་ལན་འདིར་ཡོད། གལ་ཏེ་ཁྱེད་ལ་དྲི་བ་འཕར་མ་ཡོད་ན་ཐེ་ཚོམ་མེད་པའི་ཐོག་ནས་ང་ཚོར་འབྲེལ་བ་གནང་རོགས།

Cosmos ཡིས་མ་སྦྲེལ་ཁག་གི་དྲ་རྒྱ་ཆགས་རྒྱུར་བརྩོན་བཞིན་ཡོད། Cosmos ལྟེ་ལག་ནི་གཞུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༣ ནང་ཐོག་མར་དབུ་འབྱེད་བྱས། ཞིབ་ཕྲ་ཤེས་འདོད་ན་དེ་དག་གི་དཀར་ཤོག་ཀློགས།

Cosmos ཐོག་ཚད་འཛིན་རྟོག་ཞིབ་ཡོ་ཆས་ཀྱིས་ཁུལ་དུམ་གསར་པ་སྟོན་འདུག Cosmos དེ་རྒྱུན་དུ་རྨང་གཞིའི་སྒྲིག་བཀོད་སྟེང་སྲུབས་་མེད་ངང་བཀོལ་སྤྱོད་བྱེད་ཕྱིར། ཚད་འཛིན་རྟོག་ཞིབ་ཡོ་ཆས་ལ་བདེ་འཇགས་བསྐྲུན་པའི་ཚན་རྩལ་ནུས་པ་ལྡན་དགོས།

འདི་ནི་ཚང་མས་སྒྲུབ་ཐུབ་པ་ཞིག་མིན། དངུལ་ཚབ་ཀྱི་བདག་པོ་ཁ་ཤས་ཀྱིས་ཁོ་ཚོར་དབང་བའི་དངུལ་ཚབ་དེ་ཚད་འཛིན་རྟོག་ཞིབ་པ་ཞིག་ལ་དབང་བཅོལ་པ་བརྒྱུད་ནས་ཤུགས་ནས་འཛུལ་ཞུགས་བྱ་ཐུབ། དེ་ནི་ཚད་འཛིན་རྟོག་ཞིབ་པ་ཚོས་ཚབ་བསྐོ་བ་ཚོར་ཞབས་ཞུ་སྒྲུབ་ཀྱི་ཡོད་པའི་དོན་ཡིན་ཅིང་། ཚད་འཛིན་རྟོག་ཞིབ་པ་ཚོས་རིན་བླངས་ནས་ཁོང་ཚོའི་ཞབས་ཞུ་གླ་ཡོན་བྱེད་ཀྱི་ཡོད།

ATOM ཚབ་བསྐོ་བྱས་པ་བརྒྱུད། ཁྱེད་ཀྱིས་དྲ་རྒྱར་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད། རོགས་རམ་ཞུས་པའི་ལན་དུ་ཁྱེད་ཀྱང་གན་རྒྱའི་ལེགས་འབུལ་ཞུས་པའི་སྐྱེས་འབོར་ཆ་གཅིག་ཐོབ་ཐུབ། གལ་ཏེ་ཁྱེད་ཀྱིས་ ATOM དུས་ཚོད་རིང་ཙམ་གཉེར་རྩིས་་ཡོད་ན། ཚབ་བསྐོ་ཡིས་ཁྱེད་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་ཞོར་ ATOM དེ་བས་མང་བ་བསྡུ་གསོག་བྱ་རྒྱུར་རམ་འདེགས་ཞུ་སྲིད།

ཁྱེད་ཀྱི་དངུལ་ཚབ་ཀྱི་བདག་དབང་དེ་དབང་བཅོལ་བྱས་ནས་གློད་བཏང་བ་མིན། ཚད་འཛིན་རྟོག་ཞིབ་ཡོ་ཆས་ཞིག་ཡིན་པས། stakefishཁྱེད་ཀྱི་དངུལ་ཚབ་བེད་སྤྱོད་གཏོང་བའི་ནུས་པ་མེད།

Cosmos གིས་ཚད་འཛིན་རྟོག་ཞིབ་ཡོ་ཆས་དེའི་ཐོག་མ་འཇོག་འབོར་གྲངས་གཅོད་འབྲེག་བྱས་ཏེ་ཁུལ་ཁོངས་མང་པོ་ཤོར་བ་ཡང་ན་ཁུལ་ཁོངས་གཅིག་ལ་ཐོ་ཐེངས་གཉིས་འགོད་པའི་གནས་ཚུལ་བྱུང་དུས་ཉེས་གཅོད་གཏོང་སྲིད། ང་ཚོར་རང་ཉིད་ཀྱི་སྐུ་ཐོག་ལྟེ་ཁོངས་ཡོད་པས་གནས་ཚུལ་དེ་འདྲ་འགོག་པར་བསྐུལ་སྐྱེས་ཤུགས་ཆེན་ཡོད། ཡིན་ནའང་། ཚབ་བསྐོ་ཡིས་གཅོད་འབྲེག་ཡོང་པའི་ཉེན་ཁ་རྟག་ཏུ་ཡོད་སྲིད་པ་སེམས་ལ་ངེས་པར་མཁྱེན།

ང་ཚོས་ང་ཚོའི་ཚབ་བསྐོ་བར་ཐོབ་པའི་མ་སྡེའི་དངུལ་འབོར་ལས་ 4% གཅོག་ཆ་བྱེད་ཀྱི་ཡོད། དཔེར་ན། གལ་སྲིད་ཚབ་བསྐོ་བ་ཞིག་ལ་ 100 ATOM སྐྱེས་འབོར་ཐོབ་ཀྱི་ཡོད་ན་ stakefish ལ་ 4 ATOMདང་ཚབ་བསྐོ་བར་ 96 ATOM ཐོབ་ཀྱི་ཡོད། ང་ཚོས་ར་འཕྲོད་ཟིན་པའི་ནུས་ལྡན་ཚབ་བསྐོ་བ་ཞིག་གི་གླ་ཡོན་གྱི་མཐའ་གྲངས་སྲོད་ཀྱི་ཡོད།

ཚབ་བསྐོའམ། མཐུད་སྦྱོར། དེ་བཞིན་མ་འཇོག་བཅས་དུས་ཚོད་ངེས་མེད་ལ་མེད་པ་བཟོ་ཆོག་ཀྱང་། ཁྱེད་ཀྱི་ ATOM མེད་པ་བཟོས་ཏེ་སྤོ་བཤུས་ཐུབ་པ་ཆགས་རྒྱུར་བདུན་ཕྲག་གསུམ་་ཙམ་འགོར་ངེས། དུས་ཡུན་འདི་ནི་གནོད་འཚེ་ལས་འགོག་སྲུང་བྱ་ཆེད་ཡིན།

stakefish དང་འབྲེལ་བ་བྱ།

ང་ཚོར་འབྲེལ་བ་བྱོས།

གལ་ཏེ་ཁྱེད་ལ་མ་འཇོག་བྱ་སྟངས་དང་ཚབ་བསྐོའི་ཞབས་ཞུ་ཁག་གི་ཐོག་དོགས་འདྲི་ཡོད་ན་ཐེ་ཚོམ་གང་ཡང་མེད་པའི་ལམ་ནས་ང་ཚོར་ཐད་ཀར་འབྲེལ་བ་གནང་རོགས། ང་ཚོས་དགའ་སྤྲོ་ཆེན་པོའི་ངང་ནས་ཡིད་དབང་འཕྲོག་པའི་སྣོད་བཅུད་མ་ལག་གསར་པ་འདི་བརྒྱུད་ཚོགས་སྡེའི་ལས་བྱེད་མངགས་ཏེ་ཁྱེད་ཀྱི་དོགས་འདྲི་སེལ་ཐབས་བྱ་ངེས་ཡིན།

འབྲེལ་བ་བྱོས།